Quotations: Sutrasརྒྱལ་བའི་བཀའ། The Word of the Buddha
ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱི། ། ཐར་པ་རང་ལ་རགས་ལས་ཤེས་པར་གྱིས། ། I have shown you the methods that lead to liberation, But you should know that liberation depends upon yourself.[1] Buddha Shakyamuni ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། ། དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། ། རྒྱུ་ལ་འགོག་པ་གང་ཡིན་པ། ། དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། ། All dharmas originate from causes. The Tathagata has taught these causes, And also that which puts a stop to these causes— This too has been taught by the Great Shramana. Buddha Shakyamuni: Essence of Dependent Origination dharani དགེ་སློང་དག་དང་མཁས་རྣམས་ཀྱིས། ། བསྲེག་བཅད་བརྡར་བའི་གསེར་བཞིན་དུ། ། ལེགས་པར་བརྟག་ལ་ང་ཡི་བཀའ། ། བླང་བར་བྱ་ཡི་གུས་ཕྱིར་མིན། །[2] Monks and learned ones, Just as gold is burnt, cut and rubbed, Examine my words carefully and Do not accept them simply out of respect. Śākyamuni ལྔ་བརྒྱ་ཐ་མར་གྱུར་པ་ན། ། ང་ཉིད་ཡི་གེའི་གཟུགས་སུ་གནས། ། ང་ཡིན་སྙམ་དུ་ཡིད་བྱོས་ལ། ། དེ་ཚེ་དེ་ལ་གུས་པར་གྱིས། ། In the last five hundred year period, I will ap...